New for 2026!
In this video, Geshe Tenpa offers a quick introduction about the topic of the Four Hinayanas within the Yungdrung Bon Tradition.
འགོ་བརྗོད། བོན་ལུགས་ཀྱི་རྒྱུ་ཐེག་བཞིའི་ལྟ་བའི་སྐོར་འཆད་ཁྲིད།
བཀྲ་ཤིས་བདེ་ལེགས། ནུབ་ཕྱོགས་ལུང་པར་དཔེ་ཁྲིད་མང་པོ་ཞིག་ལྟ་བ་མཐོན་པོ་སྔགས་དང་རྫོགས་ཆེན་སོགས་མང་པོ་ཞིག་བོན་དང་རྙིང་མས་བླ་མ་རྣམས་ཀྱིས་གནང་ཡོད་ནའང་། རྒྱུ་ཐེག་བཞིའི་སྐོར་དེ་ཙམ་དཔེ་ཁྲིད་མང་པོ་མཐོང་རྒྱུ་ཧ་ཅང་དཀོན། ལྷག་པར་དུ་བོན་གྱི་རྒྱུ་ཐེག་བཞིའི་སྐོར་ནི་ཧ་ཅང་གི་གཏིང་ཟབ་མོ་ཞིག་དང་ཉི་མ་རེ་རེའི་འགྲོ་བ་མི་ཡི་སྤྱི་ཚོགས་ནང་བེད་སྤྱོད་ཆེན་པོ་ཡོད་པ་ཞིག་རེད། རྒྱུ་མཚན་དེས་ན་ད་ལན་ང་ཚོའི་བོན་ལུགས་ཀྱི་རྒྱུ་ཐེག་བཞིའི་སྐོར་དཔེ་ཁྲིད་བྱེད་འཆར་ཡིན། ཡིན་ནའང་རྒྱུ་ཐེག་བཞི་རྒྱ་ཆེན་པོ་དང་གཏིང་ཟབ་མོ་ཡིན་པས་དུས་ཐུང་ཞིག་གི་ནང་བཤད་ཚར་རྒྱུ་ཞིག་མ་རེད། ཡིན་ནའང་གཙོ་བོ་རྒྱུ་ཐེག་བཞིའི་ལྟ་བའི་སྐོར་ནས་འགྲེལ་བཤད་མདོར་བསྡུས་དང་གནད་འཁེལ་པོ་ཞིག་བྱེད་དགོས་བསམ་ཡོད།
དང་པོ་རྒྱུ་ཐེག་བཞི་རེ་རེའི་མིང་ནི། ཕྱ་གཤེན་ཐེག་པ། སྣང་གཤེན་ཐེག འཕྲུལ་གཤེན་ཐེག་པ། སྲིད་གཤེན་ཐེག་པ་བཞི་རེད།
ད་དང་པོ་ལྟ་བ་ངོས་འཛིན་པར་བྱེད་པ་ལ་ལྟ་བའི་གོ་དོན་ང་ཚོས་ཧ་གོ་དགོས། སྤྱིར་བཏང་ལྟ་བ་ཟེར་ན་བསམ་བློ་གཏོང་སྟངས་མཐར་ཐུག་པ་ཞིག་ལ་གོ་དགོས།
དེས་ན་པོ་དང་ཕྱ་གཤེན་ཐེག་པའི་ལྟ་བ་ནི། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། མོ་རྩིས་གཏོ་དཔྱད་བཞི་རེད། དེ་ནི་ཁོ་རང་གི་བསམ་བློ་གཏོང་སྟངས་མཐར་ཐུག་པ་ཞིག་རེད། འདི་བཞི་ནི་བོན་དང་ནང་པ་གཉིས་ཀྱི་སྤྱི་ཚོགས་གར་ཡོད་ན་དེར་དགོས་ངེས་ཤིག་ཆག་ཡོད། སྣང་གཤེན་ཐེག་པའི་ལྟ་བ་ནི། །ལྷ་ལ་ཡོན་འབུལ་བགེགས་ལ་གླུད། །གཏོ་ཡི་རྩི་དང་ཕན་གྱིས་སོད། །སྲིད་པ་རབ་འབྱམས་མདོས་བསྐང་སྟེ། འདི་ཐེག་པ་འདིའི་ལྟ་བ་རེད། འཕྲུལ་གཤེན་ཐེག་པའི་ལྟ་བ་ནི། གསུམ་པ་འཕྲུལ་གཤེན་ཐེག་པ་ལ། །སྟོབས་ལྔ་ཐབས་དྲུག་ལས་རིམ་གྱིས། །རྫུ་འཕྲུལ་བཅུ་གསུམ་མཐུ་ཡི་རྒྱུད། །བཙོ་དབལ་ཐིས་གསུམ་དྲག་པོ་གསུམ། །རྒྱུད་སྡེ་ཆེན་པོ་བཞི་རུ་དབྱེ། བཞི་བ་སྲིད་གཤེན་སྲིད་ཐེག་པའི་ལྟ་བ་ནི། བཞི་བ་སྲིད་གཤེན་ཐེག་པ་ལ། །ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང་། །འདུར་ཐབས་བཞི་བཅུ་རྩ་གཉིས་སྟེ། །འདི་ཕྱི་ཕན་བདེའི་བོན་སྡེར་དབྱེ། ཐེག་པ་བཞི་བས་ཤི་ཚར་དུས་མྱང་འདས་ཐོབ་ཐུབ་ཀྱི་མེད་ཀྱང་མྱང་འདས་དང་འདྲ་བའི་བདེ་ལྡན་གནས་ཤིག་ལ་སྐྱེ་ཐུབ་པ་འདོད་ཀྱི་ཡོད་རེད།
འདི་དག་རྒྱུ་ཐེག་བཞི་ཀའི་ལྟ་བའི་དོན་མདོར་བསྡུས་གོ་བདེ་བ་ཞིག་ཡིན། དཔེ་ཁྲིད་སྐབས་སུ་གང་ཐུབ་འགྲེལ་བཤད་ཞིབ་ཕྲ་རྒྱག་ཨེ་ཐུབ་ལྟ་གི་ཡིན།
